བོད་ཀྱི་སྐད་ཡིག་རང་དབང་ལ་སྲུང་སྐྱོབ་བྱེད་དགོས།

རྒྱ་ནག་གི་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་སློབ་གྲྭའི་སློབ་སྦྱོང་རྣམས་རྒྱ་སྐད་ཐོག་བརྗེ་ལེན་བྱེད་པ་དང་བོད་ཕྲུག་གི་ཕ་མ་རྣམས་ལ་བཙན་དབང་གི་སོ་སོའི་ཕྲུ་གུར་ཐག་རིང་གཏན་སྡོད་སློབ་གྲར་གཏོང་དགོས་བཟོ་བ་འདི་དག་ནི། མ་འོངས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་ངོ་བོ་སོགས་གཏན་དུ་རྩ་མེད་གཏོང་ཐབས་ཀྱི་སླུ་བྲིད་ཀྱི་འཆར་གཞི་ཞིག་རེད།

རྒྱ་ནག་གི་བོད་ནང་ཡོད་པའི་སྐད་ཡིག་གི་སྲིད་ཇུས་དེ་སྐད་གཉིས་ཤན་སྦྱར་ཞེས་འགྲེལ་བཤད་རྒྱག་གི་ཡོད་ནའང་། དོན་དངོས་ཐོག་བོད་ཀྱི་སྐད་ཡིག་ཐོག་ཡོད་པས་སློབ་གྲྭ་རྣམས་བཙན་སྐུལ་གྱི་སྒོ་རྒྱག་བཅུག་པ་དང་མཐའ་ན་སྔོན་འགྲོའི་སློབ་གྲྭའི་ཕྲུ་གུ་རྣམས་བཙན་དབང་གྱི་རྒྱ་སྐད་ནང་སློབ་གཉེར་བྱེད་དུ་བཅུག་གི་ཡོད། གོང་གི་སྲིད་ཇུས་དག་ནི་ཆེད་དུ་དམིགས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྣམས་རྩ་མེད་གཏོང་ཐབས་ཞིག་རེད།

རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ལ་དྲག་གནོན་བྱེད་པའི་རྐྱེན་གྱི་བོད་མི་ན་གཞོན་མང་དག་ཞིག་གི་སོ་སོའི་ཕ་སྐད་བཤད་པའང་སྐད་བདེ་བོ་མེད་པ་ཆགས་ཡོད། དེར་བརྟེན་བོད་མི་ཚོའི་སེམས་འཁུར་ཆེན་པོའི་མ་འདོད་པའི་རྣམ་འགྱུར་སྣ་མང་སྟོན་ཡོད་ལ། མི་ལོ་བཅུ་ཙམ་གྱི་སྔོན་ལ་རྒྱ་ནག་གི་བོད་ནང་དུ་ཡོད་པའི་བོད་སྐད་ཐོག་སློབ་གྲྭ་ཁག་མེད་བ་བཟོ་རྒྱུའི་འཆར་གཞི་དེར། བོད་མི་དགེ་རྒན་དང་སློབ་ཕྲུག་སྟོང་ལས་བརྒལ་བ་ཁྲོམ་གཞུང་དུ་ཡོད་པའི་རྙེན་རྟོགས་དཔུང་དམག་ལ་འཇིགས་ཞུམ་མེད་པའི་ཐོག་ངོ་རྒོལ་སྐད་འབོད་བྱེད་ཡོད་པ་དང་། སྐབས་དེའི་འབོད་སྒྲ་གཙོ་བོ་གཅིག་ནི་བོད་ཀྱི་སྐད་ཡིག་རང་དབང་དགོས་ཟེར་ཡོད།

གནས་སྐབས་རིང་སློབ་ཕྲུག་ཚོར་རྒྱལ་ཁ་ཐོབ་ཡོད་ནའང་། དེང་སྐབས་བསྐྱར་དུ་ཁོང་ཚོའི་སློབ་གྲྭ་ཉེན་ཁ་ནང་དུ་ལྷུང་ཡོད།

ད་ལྟ། བོད་མི་ཚོར་མི་རིགས་དབྱེ་འབྱེད་ཀྱི་སྲིད་འཇུས་དེ་ལ་ཐབས་རྩོད་བྱེད་པ་མ་ཚད་རང་གི་སྐད་ཡིག རིག་གཞུང་སོགས་གསོན་པོ་དང་འཕེལ་རྒྱས་བྱེད་ཆེད་ཁྱོད་ཀྱི་རོགས་རམ་དགོོས་འཁོ་གལ་ཆེ།

ཁྱོད་ཀྱི་བྱེད་ཐུབ་པ། / བྱ་སྤྱོད་སྤེལ།  རྒྱ་ནག་གི་དཔོན་པོ་ཙུང་ལི་གཞོན་པ་(Sun Chunlan 孙春兰)སུན་ཁྲོན་ལན་དང་ཤེས་ཡོན་བློན་ཆེན་ (Chen Baosheng 陈宝生) ཁྲིན་བྷོ་ཧྲིན་ལ་ཛ་དྲག་གི་བརྡ་འཕྲིན་གཏོང་རོགས།