Free Lhundrub Drakpa

རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་བོད་ཀྱི་གླུ་བ་ལྷུན་གྲུབ་གྲགས་པ་ལགས་རྡུང་རྡེག་དང་སྡུག་སྦྱོང་གི་ཉེན་ཁའི་འོག་ཡོད།

བོད་ཀྱི་གླུ་བ་ལྷུན་གྲུབ་གྲགས་པ་ལ་རྒྱ་མག་གཞུང་གིས་ཕྱི་ལོ་༢༠༢༠ ཟླ་༦ ནང་ལོ་༦  གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། ཁོང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གླུ་གཞས་<<ཞྭ་མོ་ནག་པོ།>>བླངས་པའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོང་བཙོན་འཇུག་བྱས་པ་རེད།

དེ་ཡང་གླུ་བ་ཁོང་བཙོན་འཇུག་ཁྲིམས་ཐག་མ་བཅད་སྔོན་ལོ་༡  རིང་བཀག་ཉར་བྱས་ཡོད། དེ་སྐབས་ཁོང་ལ་ཁྲིམས་ཀྱི་འགྲོ་ལུགས་གཞིར་བཟུང་ཁྲིམས་རྩོད་པ་གླ་བཅུག་མེད་ཁར་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ཡང་སྤྲད་མེད།

གླུ་བ་ལྷུན་གྲུབ་གྲགས་པ་བཀག་ཉར་བྱེད་སྐབས་ཁོང་ལ་རྡུང་རྡེག་བཏང་ཡོད་པ་དང་། དེ་མ་ཟད་རྒྱ་གཞུང་གཙོ་འཛིན་པ་རྣམས་ཀྱིས་ཁོང་ལ་མུ་མཐུད་དེ་སྡུག་སྦྱོང་བཏང་བ་དང་ཚེ་སྲོག་ལ་ཡང་ཉེན་ཁ་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིང་ཇེ་ལ་ཛ་དྲག་གི་བརྡ་ལན་གཏོང་རྒྱུའི་ལས་འགུལ་ནང་མཉམ་ཞུགས་གྱིས།

  • Tenzin S 16.07.2024 19:57
  • Mingming C 13.06.2024 13:59
  • Lucy R 30.05.2024 12:39
  • Shaaden S 04.05.2024 18:46