བརྗོད་གཞི། རྒྱ་ནག་གིས་བོད་མིའི་རིགས་རྫས་བསྡུ་མཚམས་འཇོག་དགོས།

རྒྱ་ནག་གིས་བོད་མིར་འཐབ་རྒོལ་བྱེད་སྟངས་གསར་བ་སྟེ། བོད་མིའི་རིགས་རྫས་རྐུ་འཁྱེར། 

རྒྱ་ནག་གིས་བོད་མིར་བཙན་གནོན་བྱེད་སྟངས་ལ་གདུག་རྩུབ་རང་བཞིན་གྱི་འགྱུར་བ་གསར་བ་ཞིག་ཕྱིན་ཡོད།   རྒྱ་ནག་གི་ཉེན་རྟོག་པས་གོ་རིམ་ལྡན་པའི་ཐོག་ནས་བོད་མིའི་རིགས་རྫས་ཀྱི་མ་དཔེ་མང་པོ་ལེན་བཞིན་པ་རེད།  བོད་མིའི་རིགས་རྫས་རྐུ་འཁྱེར་གྱི་ལས་གཞི་དེའི་ཁྲོད་དུ་ལོ་ན་ལྔ་ཅན་གྱི་བྱིས་པ་ཚུན་ཆད་ཀྱང་ཚུད་ཡོད། 

རྒྱ་ནག་གིས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་རིགས་རྫས་ཀྱི་མ་དཔེ་རྐུ་འཁྱེར་བྱས་ཏེ་བོད་མིའི་སྐྱེ་ཁམས་རང་བཞིན་གྱི་གྲངས་མཛོད་ཅིག་གསར་བཟོ་བྱས་ཡོད་པ་དེ་ནི་པེ་ཅིང་གིས་བོད་མིར་ལྟ་ཞིབ་དང་སྟངས་འཛིན་གྱི་ནུས་ཤུགས་ཆེར་བསྐྱེད་བྱས་པ་ཞིག་ཡིན་པ་མ་ཟད། གནས་བབ་དེ་ནི་རྒྱ་ནག་གིས་བོད་མིར་ལྟ་ཞིབ་ཀྱི་ནུས་ཤུགས་གསར་བསྐྱེད་དང་བོད་མིའི་མི་སྒེར་གྱི་གསང་བ་རྩིས་མེད་རྡོག་རོལ། དེ་བཞིན་བོད་མིར་སྡུག་སྦྱོང་གཏོང་རྒྱུའི་ནུས་ཤུགས་སྔར་བྱུང་མེད་པ་ཞིག་གསར་དུ་བསྣན་པ་རེད།

ཚན་རྩལ་རང་བཞིན་གྱི་(Thermo Fisher) ཐར་མྰོ་ཧྥི་ཞི་བཟོ་ལས་ཁང་གིས་བོད་མིའི་རིགས་རྫས་རྐུ་འཁྱེར་ལ་རོགས་འདེགས་དང་ངལ་སྐུལ་ཞུ་བཞིན་པ་རེད། འཛམ་གླིང་རང་བཞིན་གྱི་བཟོ་ལས་ཁང་འདི་ཡིས་བོད་མིའི་རིགས་རྫས་རྣམས་བཙན་དབང་འོག་གི་བོད་ཁུལ་གྱི་ཉེན་རྟོག་དབང་སྒྱུར་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད།

རྒྱ་གཞུང་གིས་ཐར་མོ་ཧྥི་ཞི་ནི་ཀུན་སྤྱོད་རང་བཞིན་གྱི་བཟོ་ལས་ཁང་ཞིག་ཡིན་པར་རྗོད་བཞིན་ཡོད་པ་རེད།གལ་ཏེ་དེ་འདྲ་ཡིན་ན། བཟོ་ལས་ཁང་དེས་ཅིའི་ཕྱིར་རྒྱ་ནག་ལ་རོགས་འདེགས་བྱས་ཏེ་བོད་མིས་མཚོན་པའི་མི་མང་པོ་ཞིག་མི་ཚེ་གང་པོར་ལྟ་ཞིབ་དང་འཇིགས་དངངས་ཀྱི་འོག་ཏུ་འཇུག་བཞིན་པ་རེད་དམ། དེ་བས། ཐར་མོ་ཧྥི་ཞི་བཟོ་ལས་ཁང་གིས་བོད་ས་བཙན་བཟུང་གི་གནས་བབ་ནས་ཁེ་ཕན་སྒྲུབ་བཞིན་པ་མཚམས་འཇོག་བྱེད་དགོས།

ཐར་མོ་ཧྥི་ཞི་བཟོ་ལས་ཁང་གི་གཙོ་འཛིན་མྰར་ཁི་ཁ་སི་པུར་ (Marc Casper) ལ་ཞུ་སྐུལ་གྱིས་རྒྱ་ནག་ལ་མཁོ་འདོན་བྱེད་མཚམས་འཕྲལ་དུ་འཇོག་དགོས།

ཞུ་སྐུལ་གྱི་ཡིག་ཆ་ཆ་ཚང་འདི་ནས་ཀློག་རོགས།  Petition Letter HERE

 

 

  • Yogendra S 11.03.2024 15:18
  • Tenzin Y 06.03.2024 01:25
  • Jay J 21.02.2024 00:45
  • Ema E F 29.01.2024 15:47
  • Johanna Z 29.01.2024 09:01