རྒྱལ་ཁབ་བདུན་ཚོགས་ཀྱི་དབུ་འཁྲིད་རྣམ་པས། བོད་ཕྲུག་རྣམས་སྲུང་སྐྱོབ་བྱ་དགོས།

རྒྱ་ནག་དམར་ཤོག་ཚོགས་པས། བོད་མིའི་ངོ་བོ་མཚོན་པའི་སྐད་ཡིག་དང་རིག་གནས། སྤྱི་ཚོགས་སོགས་ཕྱོགས་ཡོངས་ནས་རྩ་གཏོར་གཏང་ཆེད། གང་དེའི་མུ་མཐུད་རྒྱུན་སྐྱོང་དང་དར་སྤེལ་གཏོང་མཁན་གྱི་ལོ་ན་བཞི་ནས་བཅོ་བརྒྱད་བར་གྱི་བོད་ཕྲུག་ས་ཡ་གཅིག་ལ་ཉེ་བ་ཙམ། བཙན་དབང་འོག་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭར་སློབ་འཇུག་བྱེད་བཅུག་ཡོད་པ་དང་། ད་ལྟའི་ཆར་བོད་ཕྲུག་འདི་ཚོ་སོ་སོའི་ཉེ་བའི་ཕ་ཡུལ་དང་ནང་མི། སོ་སོའི་སྐད་ཡིག་དང་འཚོ་བ་སོགས་དང་ཁ་བྲལ་ནས། རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་ལམ་ལུགས་འོག་གི་ཤེས་ཡོན་སློབ་གསོ་མྱོང་བཞིན་ཡོད་པ་རེད། དེར་བརྟེན་གོང་གི་གནས་ཚུལ་འདི་དག་གི་རྐྱེན་པས། བོད་ཀྱི་སྐད་ཡིག་རྨང་གཞིར་འགྱུར་པའི་སྔར་ཡོད་བོད་པའི་སློབ་གྲྭ་རྣམས་རྒྱ་ནག་གཞུང་གིས་གཏོར་སྐྱོན་དང་བཙན་སྐུལ་འོག་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།

རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭའི་སློབ་གསོའི་ལམ་ལུགས་ཀྱི་སྲིད་བྱུས་དང་འབྲེལ་བའི་ཐོག་ཞིབ་འཇུག་གནང་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ནས། གོང་གི་གནས་ཚུལ་དེ་དང་འབྲེལ་ཏེ། “ རྒྱ་ནག་གཞུང་གིས་བོད་ཕྲུག་ཉམ་ཆུང་འདི་ཚོ་སོ་སོའི་ནང་མི་དང་ཁ་བྲལ་དུ་བཅུག་ནས། བཙན་གྱིས་ཁོ་ཚོ་སོ་སོ་རང་ཉིད་ཀྱི་རིག་གཞུང་ལ་ཆ་རྒྱུས་མེད་པ་བཟོ་རྒྱུའི་འཆར་བཀོད་འཐེན་ཡོད་”ཅེས་སྡོམ་ཚིག་བཀོད་ཡོད། དེར་བརྟེན་ང་ཚོས། འདི་ལོའི་སྤྱི་ཟླ་བཅུ་གཅིག་ནང་ཇར་མ་ནེར་འཚོགས་ལ་ཉེ་བའི་རྒྱལ་ཁབ་བདུན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་ལ་མཉམ་ཞུགས་གནང་མཁན་གྱི་ཕྱི་སྲིད་བློན་ཆེན་རྣམས་ལ། རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་གཉེར་བཞིན་པའི་བཅའ་སྡོད་སློབ་གྲྭའི་གནད་དོན་འདི་དག་ཁོ་ཚོའི་གྲོས་འཆར་ནང་སླེབས་དགོས་པ་དང་། ཁོ་ཚོས་རྒྱ་ནག་ལ་སློབ་གྲྭ་འདི་ཚོ་ངེས་པར་དུ་སྒོ་རྒྱག་དགོས་པའི་ནན་སྐུལ་བྱ་རྒྱུའི་རེ་འབོད་བྱེད་དགོས།

ཞུ་ཡིག་ཆ་ཚང་བཀླག་འདོད་ན། འབྲེལ་ཐག་འདིར་བསྣུན།

 

 

  • Tangi S 05.04.2024 09:57
  • Chöyang P 04.04.2024 17:18
  • Pema D 30.03.2024 14:44
  • Sejee P 30.03.2024 14:11
  • Choesang L 30.03.2024 14:04
  • Pema L 30.03.2024 14:03